您的位置:首页 >>书画频道  >> 书画创展
夏河县藏、汉文书法家协会名家书法作品展(三)
字体大小:[ ]   作者: 桑吉加、刀吉加   日期: 2021-02-07 10:41:01  点击数:
1608369385363750.jpg


༄༅།། ཁ་གྱ་འཇིགས་མེད་ཀྱི་ཡིག་གཟུགས་བརྩམས་ཆོས་བདམས་བཀོད། 

卡加久美老师书法作品展


1609652308414502.jpg


1612674608962625.jpg


1612674608786694.jpg


1612674608433436.jpg


1612674609298528.jpg


1612674609510713.jpg


1612674609520152.jpg

1612674609641896.jpg


1612674609576968.jpg


1609652309840297.jpg

རྒན་ཁ་གྱ་འཇིགས་མེད་ལགས་ཀྱིས་ཡིག་གཟུགས་འབྲི་སྟངས་ཐད་ཀྱི་མཛུབ་སྟོན་གནང་བཞིན་པ། 卡加久美老师在藏文书法日进行现场创作和指导。


1608370836344732.png


d984044a8de640144182dc38c3015222.jpg



བོད་ཀྱི་ཡིག་མཁན་ཁ་གྱ་འཇིགས་མེད་ལགས་ནི། བོད་རབ་བྱུང་བཅུ་དྲུག་པའི་ལྕགས་ཕག་སྟེ(ཕྱི་ལོ༡༩༧༡)ལོར་ཀན་ལྷོ་ཁུལ་བསང་ཆུ་རྫོང་ཐང་དཀར་ནང་ཡུལ་ཚོ་ཕྱིང་གུར་ཕུ་སྡེ་བར་སྐྱེས་ཤིང་། (ཕྱི་ལོ༡༩༧༨)ལོར་སློབ་ཆུང་དུ་ཞུགས་ཏེ། ལོ་དགུའི་ལམ་ལུགས་ཀྱི་སློབ་གསོ་མྱོང་བའི་སྐལ་བ་ཐོབ། (ཕྱི་ལོ༡༩༨༢)ལོའི་ཧོར་ཟླ་༤བའི་ཚེས་༡༥ཉིན་བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགེ་བའི་བཤེས་གཉེན་འདུལ་བ་འཛིན་པ་ཆེན་པོ་ལཱ་མོ་བདེ་ཆེན་པ་༧རྗེ་དགེ་འདུན་རྒྱ་མཚོ་མཆོག་ལས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་སྟེ་ཁ་གྱའི་སྒར་རྙིང་དགོན་པའི་ཆོས་སྒོར་ཞུགས་ཤིང་ཆོ་ག་ཆོས་སྤྱོད་སོགས་བློར་འཛིན་བྱས། (ཕྱི་ལོ༡༩༨༨--༡༩༨༩)བར་གཙོས་དགེ་འོས་ཆེད་གཉེར་སློབ་གྲྭར་ཞུགས་ཏེ། རྒན་གཤེན་ཚའི་བློ་བཟང་རྒྱ་མཚོའི་མདུན་ནས་སུམ་རྟགས་དག་གསུམ་དང་སྙན་ངག་སོགས་ལ་སྦྱངས་པ་མི་དམན་པ་བྱས། ཁྱད་པར་དུ་ཡིག་མཁན་དྲུང་ཡིག་སྨོན་ལམ་ཚང་གི་བྲིས་རྒྱུན་ཐུན་མོང་མ་ཡིན་པ་མངའ་བའི་དགེན་སངས་རྒྱས་བཀྲ་ཤིས་དང་དགེན་སྒྲོལ་མ་སྐྱབས་གཉིས་ཀྱི་མདུན་ནས་དབུ་ཅན་དང་། རྒྱུག་བྲིས། འབྲུ་ཚ་བཅས་ལ་སྦྱངས་པ་མཐར་ཕྱིན་བྱས་པས་གཟབ་གཤར་གྱི་ཡིག་གཟུགས་ཐད་ལ་གཡུར་དུ་ཟ་བའི་འབྲས་བུ་མི་བོད་ཀྱི་ཡིག་མཁན་ཁ་གྱ་འཇིགས་མེད་ལགས་ནི། བོད་རབ་བྱུང་བཅུ་དྲུག་པའི་ལྕགས་ཕག་སྟེ(ཕྱི་ལོ༡༩༧༡)ལོར་ཀན་ལྷོ་ཁུལ་བསང་ཆུ་རྫོང་ཐང་དཀར་ནང་ཡུལ་ཚོ་ཕྱིང་གུར་ཕུ་སྡེ་བར་སྐྱེས་ཤིང་། (ཕྱི་ལོ༡༩༧༨)ལོར་སློབ་ཆུང་དུ་ཞུགས་ཏེ། ལོ་དགུའི་ལམ་ལུགས་ཀྱི་སློབ་གསོ་མྱོང་བའི་སྐལ་བ་ཐོབ། (ཕྱི་ལོ༡༩༨༢)ལོའི་ཧོར་ཟླ་༤བའི་ཚེས་༡༥ཉིན་བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགེ་བའི་བཤེས་གཉེན་འདུལ་བ་འཛིན་པ་ཆེན་པོ་ལཱ་མོ་བདེ་ཆེན་པ་༧རྗེ་དགེ་འདུན་རྒྱ་མཚོ་མཆོག་ལས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་སྟེ་ཁ་གྱའི་སྒར་རྙིང་དགོན་པའི་ཆོས་སྒོར་ཞུགས་ཤིང་ཆོ་ག་ཆོས་སྤྱོད་སོགས་བློར་འཛིན་བྱས། (ཕྱི་ལོ༡༩༨༨--༡༩༨༩)བར་གཙོས་དགེ་འོས་ཆེད་གཉེར་སློབ་གྲྭར་ཞུགས་ཏེ། རྒན་གཤེན་ཚའི་བློ་བཟང་རྒྱ་མཚོའི་མདུན་ནས་སུམ་རྟགས་དག་གསུམ་དང་སྙན་ངག་སོགས་ལ་སྦྱངས་པ་མི་དམན་པ་བྱས། ཁྱད་པར་དུ་ཡིག་མཁན་དྲུང་ཡིག་སྨོན་ལམ་ཚང་གི་བྲིས་རྒྱུན་ཐུན་མོང་མ་ཡིན་པ་མངའ་བའི་དགེན་སངས་རྒྱས་བཀྲ་ཤིས་དང་དགེན་སྒྲོལ་མ་སྐྱབས་གཉིས་ཀྱི་མདུན་ནས་དབུ་ཅན་དང་། རྒྱུག་བྲིས། འབྲུ་ཚ་བཅས་ལ་སྦྱངས་པ་མཐར་ཕྱིན་བྱས་པས་གཟབ་གཤར་གྱི་ཡིག་གཟུགས་ཐད་ལ་གཡུར་དུ་ཟ་བའི་འབྲས་བུ་མི་དམན་པ་ཐོབ། (ཕྱི་ལོ༡༩༩༥)ལོར་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཀྱཻ་རྡོར་གྲྭ་ཚང་གི་ཨ་ཁུ་ཡེ་ཤེས་ཚང་གི་མདུན་ནས་སུག་རིང་དང་། སུག་ཐུང་། ཚུགས་ཆུང་། རྒྱུག་བྲིས་ལ་སྦྱངས་པ་དང་། དེར་མ་ཟད་ཐོས་བསམ་གླིང་གི་ཨ་ཁུ་དཀོན་མཆོག་ཚང་གི་མདུན་ནས་ལན་ཝར་དང་བཅས་པར་ཡང་ཞིབ་ཏུ་སྦྱངས་པས་རང་རྐྱ་ཕེར་བ་བྱུང་། (ཕྱི་ལོ༡༩༩༥)ལོའི་ཟླ་༨པར་ཀན་སུའུ་ཞིང་ཆེན་ནང་བསྟན་སློབ་གྲྭར་རྒྱུགས་འཕྲོད་ནས་སློབ་གླིང་དེ་གར་འགྲིམ་པའི་སྐལ་བ་ལྡན་ཞིང་། ལམ་རིམ་བློ་སྦྱོང་གཙོས་སུམ་རྟགས་དག་གསུམ་དང་། ལོ་རྒྱུས། གྲུབ་མཐའ། སྙན་ངག ས་ཁམས། བཅའ་ཁྲིམས། ཆབ་སྲིད་སོགས་ལ་སྦྱོང་བའི་སྐལ་བ་མི་དམན་པ་ཐོབ། ལྷག་པར་དབུ་ཅན་དང་། དབུ་མེད། ལན་ཝར་བཅས་ཀྱི་ཡིག་གཟུགས་ལ་ཡང་བསྐྱར་སྦྱངས་པ་གཤིས་ཕྱིན་པ་གནང་ཞིང་། (ཕྱི་ལོ༡༩༩༩)ལོར་སློབ་གླིང་ནས་སློབ་མཐར་ཕྱིན། (ཕྱི་ལོ༡༩༩༦)ལོའི་ཟླ་༥བར་ཀན་སུའུ་ཞིང་ཆེན་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་སྤེལ་བའི་ཞིང་ཆེན་ཡོངས་ཀྱི་གྲངས་ཉུང་མི་རིགས་ཀྱི་ཡིག་གཟུགས་འགྲན་སྡུར་ཁྲོད་ཕུལ་བྱུང་ཡིག་གཟུགས་པའི་བྱ་དགའ་ཐོབ། ཕྱི་ལོ༢༠༠༧)ལོའི་ཟླ་༩བར་མཚོ་སྔོན་ཞིང་ཆེན་ཡིག་འབྲི་བ་མཐུན་ཚོགས་དང་སྦྲང་ཆར་རྩོམ་སྒྲིག་ཁང་གཉིས་ཀྱིས་སྤེལ་བའི་ཐོན་མིའི་མཛུབ་རིས་མིང་ཅན་གྱི་ཡིག་གཟུགས་འགྲན་སྡུར་ཐེངས་བཞི་བའི་ཁྲོད་ཨང་གཉིས་པའི་བྱ་དགའ་ཐོབ། (ཕྱི་ལོ་༢༠༡༦)ལོར་ནོར་བུ་བཟང་བོ་དྲ་བས་སྤེལ་བའི་ཡིག་གཟུགས་འགྲན་སྡུར་ཁྲོད་དབུ་མེད་སྐོར་གྱི་ཨང་གསུམ་པའི་བྱ་དགའ་ཐོབ། (ཕྱི་ལོ་༢༠༠༠)ལོར་ཀན་སུའུ་ཞིང་ཆེན་ནང་བསྟན་སློབ་གྲྭས་ཆེད་དུ་གདན་ཞུ་བྱས་པ་ལྟར་སློབ་གྲྭའི་ཡིག་གཟུགས་དགེ་རྒན་གྱི་འགན་བཞེས་ཤིང་ཞོར་དུ་ཕྱོགས་ཡས་མས་ནས་ཕེབས་པའི་སློབ་གཉེར་བ་མང་བོ་ལ་དབུ་ཅན་དང་དབུ་མེད། ལན་ཝར་བཅས་ཀྱི་ཡིག་གཟུགས་སློབ་ཁྲིད་བྱེད་བཞིན་པ་དང་། (ཕྱི་ལོ་༢༠༡༦)ལོའི་ཟླ་༦པར་རྒན་སངས་རྒྱས་བཀྲ་ཤིས་ཀྱི་མདུན་ནས་འབྲུ་ཚ་མགོ་མདུང་མ་དང་ཧོར་ཡིག ཨ་ཁུ་དཀོན་མཆོག་ཚང་གི་བྲིས་རྒྱུན་འབྲུ་ཚ་བཅས་ལ་སྦྱངས་པ་བྱས། (ཕྱི་ལོ་༢༠༡༧)ལོའི་ཟླ་༧པར་རྔ་བའི་རྫ་ཁྲོམ་སྐབས་རྒན་སེང་གེ་དར་རྒྱས་ཀྱི་མདུན་ནས་སྡེར་ནང་ས་བྲིས་ཡིག་ཆེན་གྱི་བྲིས་རྒྱུན་ལེགས་པར་ཐོབ།  (ཕྱི་ལོ་༢༠༡༨)ལོའི་ཟླ་༤བ་ནས་བླ་བྲང་ཐང་གའི་གླིང་དུ་ཡིག་གཟུགས་དགེ་རྒན་དུ་ཞུས། ༢༠༡༩ལོའི་ཟླ་༡༡ནས་བོད་ལྗོངས་དཔེ་མཛོད་ཁང་གི་རྒྱལ་ཁབ་རིམ་པའི་དངོས་པོ་མ་ཡིན་པའི་ཤུལ་བཞག་རིག་གནས་བོད་ཀྱི་ཡིག་གཟུགས་ཀྱི་རྒྱུན་འཛིན་པ་དགེ་རྒན་སྙེ་བུའམ་བཀྲ་ཤིས་དོན་གྲུབ་ལགས་ཀྱི་མདུན་ནས། ཅོག་གྲྭ་ངག་དབང་བསྟན་འཛིན་ཆོས་ཀྱི་སེང་གེའི་ཕྱག་རྒྱུན་འབྲུ་ཚ་ཞབས་ཐུང་མའི་བྲིས་རྒྱུན་ལེགས་པར་ཐོབ། (ཕྱི་ལོ་༢༠༠༤)ལོ་ནས་བླ་སྲོག་དུས་དེབ་ཀྱི་སྒྲིག་གཙོའི་འགན་ཁུར། ད་དུང་སློབ་གྲྭའི་གུང་གསེང་སྐབས་དགོན་པ་རེ་གཉིས་ཀྱིས་གདན་ཞུས་ལྟར་ཡིག་གཟུགས་དགེ་རྒན་དུ་ཕེབས་བཞིན་པ་ལགས་སོ། །
དམན་པ་ཐོབ། (ཕྱི་ལོ༡༩༩༥)ལོར་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཀྱཻ་རྡོར་གྲྭ་ཚང་གི་ཨ་ཁུ་ཡེ་ཤེས་ཚང་གི་མདུན་ནས་སུག་རིང་དང་། སུག་ཐུང་། ཚུགས་ཆུང་། རྒྱུག་བྲིས་ལ་སྦྱངས་པ་དང་། དེར་མ་ཟད་ཐོས་བསམ་གླིང་གི་ཨ་ཁུ་དཀོན་མཆོག་ཚང་གི་མདུན་ནས་ལན་ཝར་དང་བཅས་པར་ཡང་ཞིབ་ཏུ་སྦྱངས་པས་རང་རྐྱ་ཕེར་བ་བྱུང་། (ཕྱི་ལོ༡༩༩༥)ལོའི་ཟླ་༨པར་ཀན་སུའུ་ཞིང་ཆེན་ནང་བསྟན་སློབ་གྲྭར་རྒྱུགས་འཕྲོད་ནས་སློབ་གླིང་དེ་གར་འགྲིམ་པའི་སྐལ་བ་ལྡན་ཞིང་། ལམ་རིམ་བློ་སྦྱོང་གཙོས་སུམ་རྟགས་དག་གསུམ་དང་། ལོ་རྒྱུས། གྲུབ་མཐའ། སྙན་ངག ས་ཁམས། བཅའ་ཁྲིམས། ཆབ་སྲིད་སོགས་ལ་སྦྱོང་བའི་སྐལ་བ་མི་དམན་པ་ཐོབ། ལྷག་པར་དབུ་ཅན་དང་། དབུ་མེད། ལན་ཝར་བཅས་ཀྱི་ཡིག་གཟུགས་ལ་ཡང་བསྐྱར་སྦྱངས་པ་གཤིས་ཕྱིན་པ་གནང་ཞིང་། (ཕྱི་ལོ༡༩༩༩)ལོར་སློབ་གླིང་ནས་སློབ་མཐར་ཕྱིན། (ཕྱི་ལོ༡༩༩༦)ལོའི་ཟླ་༥བར་ཀན་སུའུ་ཞིང་ཆེན་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་སྤེལ་བའི་ཞིང་ཆེན་ཡོངས་ཀྱི་གྲངས་ཉུང་མི་རིགས་ཀྱི་ཡིག་གཟུགས་འགྲན་སྡུར་ཁྲོད་ཕུལ་བྱུང་ཡིག་གཟུགས་པའི་བྱ་དགའ་ཐོབ། ཕྱི་ལོ༢༠༠༧)ལོའི་ཟླ་༩བར་མཚོ་སྔོན་ཞིང་ཆེན་ཡིག་འབྲི་བ་མཐུན་ཚོགས་དང་སྦྲང་ཆར་རྩོམ་སྒྲིག་ཁང་གཉིས་ཀྱིས་སྤེལ་བའི་ཐོན་མིའི་མཛུབ་རིས་མིང་ཅན་གྱི་ཡིག་གཟུགས་འགྲན་སྡུར་ཐེངས་བཞི་བའི་ཁྲོད་ཨང་གཉིས་པའི་བྱ་དགའ་ཐོབ། (ཕྱི་ལོ་༢༠༡༦)ལོར་ནོར་བུ་བཟང་བོ་དྲ་བས་སྤེལ་བའི་ཡིག་གཟུགས་འགྲན་སྡུར་ཁྲོད་དབུ་མེད་སྐོར་གྱི་ཨང་གསུམ་པའི་བྱ་དགའ་ཐོབ། (ཕྱི་ལོ་༢༠༠༠)ལོར་ཀན་སུའུ་ཞིང་ཆེན་ནང་བསྟན་སློབ་གྲྭས་ཆེད་དུ་གདན་ཞུ་བྱས་པ་ལྟར་སློབ་གྲྭའི་ཡིག་གཟུགས་དགེ་རྒན་གྱི་འགན་བཞེས་ཤིང་ཞོར་དུ་ཕྱོགས་ཡས་མས་ནས་ཕེབས་པའི་སློབ་གཉེར་བ་མང་བོ་ལ་དབུ་ཅན་དང་དབུ་མེད། ལན་ཝར་བཅས་ཀྱི་ཡིག་གཟུགས་སློབ་ཁྲིད་བྱེད་བཞིན་པ་དང་། (ཕྱི་ལོ་༢༠༡༦)ལོའི་ཟླ་༦པར་རྒན་སངས་རྒྱས་བཀྲ་ཤིས་ཀྱི་མདུན་ནས་འབྲུ་ཚ་མགོ་མདུང་མ་དང་ཧོར་ཡིག ཨ་ཁུ་དཀོན་མཆོག་ཚང་གི་བྲིས་རྒྱུན་འབྲུ་ཚ་བཅས་ལ་སྦྱངས་པ་བྱས། (ཕྱི་ལོ་༢༠༡༧)ལོའི་ཟླ་༧པར་རྔ་བའི་རྫ་ཁྲོམ་སྐབས་རྒན་སེང་གེ་དར་རྒྱས་ཀྱི་མདུན་ནས་སྡེར་ནང་ས་བྲིས་ཡིག་ཆེན་གྱི་བྲིས་རྒྱུན་ལེགས་པར་ཐོབ།  (ཕྱི་ལོ་༢༠༡༨)ལོའི་ཟླ་༤བ་ནས་བླ་བྲང་ཐང་གའི་གླིང་དུ་ཡིག་གཟུགས་དགེ་རྒན་དུ་ཞུས། ༢༠༡༩ལོའི་ཟླ་༡༡ནས་བོད་ལྗོངས་དཔེ་མཛོད་ཁང་གི་རྒྱལ་ཁབ་རིམ་པའི་དངོས་པོ་མ་ཡིན་པའི་ཤུལ་བཞག་རིག་གནས་བོད་ཀྱི་ཡིག་གཟུགས་ཀྱི་རྒྱུན་འཛིན་པ་དགེ་རྒན་སྙེ་བུའམ་བཀྲ་ཤིས་དོན་གྲུབ་ལགས་ཀྱི་མདུན་ནས། ཅོག་གྲྭ་ངག་དབང་བསྟན་འཛིན་ཆོས་ཀྱི་སེང་གེའི་ཕྱག་རྒྱུན་འབྲུ་ཚ་ཞབས་ཐུང་མའི་བྲིས་རྒྱུན་ལེགས་པར་ཐོབ། (ཕྱི་ལོ་༢༠༠༤)ལོ་ནས་བླ་སྲོག་དུས་དེབ་ཀྱི་སྒྲིག་གཙོའི་འགན་ཁུར། ད་དུང་སློབ་གྲྭའི་གུང་གསེང་སྐབས་དགོན་པ་རེ་གཉིས་ཀྱིས་གདན་ཞུས་ལྟར་ཡིག་གཟུགས་དགེ་རྒན་དུ་ཕེབས་བཞིན་པ་ལགས་སོ། །




责任编辑:才贡加
编辑:桑吉加、刀吉加


友情链接
访客统计——今日访问量:122  总访问量:95336
夏河县文化馆微信
(请扫描二维码关注)
主办单位:夏河县文化馆 | 邮编:747100 | 电话:0941-7127119
版权所有:夏河县文化馆

甘公网安备 620201020000xx号