ཟླ་༤པའི་ཚེས་༣༠ཉིན་བསང་ཆུ་རྫོང་གིས་“སྐབས་ཉི་ཤུ་པའི་ཚོགས་ཆེན་དགའ་བས་བསུ་ཞིང་མདུན་ལམ་གསར་པར་སྤོབས་པར་བགྲོད”ཅེས་པ་དང་།“ཀྲུང་ཧྭ་མི་རིགས་ཐུན་མོང་གཞི་གཅིག་གི་འདུ་ཤེས་བརྟན་པོ་བཙུགས་ནས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བྱེད”ཅེས་པའི་ཤིས་ཚིག་འོག བསང་ཆུ་རྫོང་གི་སྐབས་གསུམ་པའི་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་ཉིན་མོའི་བྱེད་སྒོ། སྨྱུག་འཛིན་དབང་བོ་དྲུང་ཡིག་སྨོན་ལམ་རྒྱ་མཚོ་མཆོག་གི་འཁྲུངས་གཞིས་ནས་སྤེལ་བ་དང་། བྱ་འགུལ་སྟེང་གུང་ཐང་བསྟན་པའི་སྒྲོན་མེའི《མདོ་སྔགས་ཀྱི་གཞུང་ལ་སློབ་གཉེར་བྱེད་ཚུལ་གྱི་བསླབ་བྱ་ནོར་བུའི་གླིང་དུ་བགྲོད་པའི་ལམ་ཡིག》དང༧ཀུན་མཁྱེན་འཇིགས་མེད་དབང་བོའི་《སློབ་གཉེར་བསླབ་བྱ》གཉིས་ཀྱི་ཡིག་གཟུགས་བརྩམས་ཆོས་སོགས་འགྲེམས་སྟོན་མཛད།

དེ་ཡང་། བོད་ཀྱི་ཡིག་གཟུགས་ཉིན་མོར་འགྲེམ་སྟོན་བྱ་འགུལ་བརྒྱུད་ནས་མདོ་སྨད་བླ་བྲང་གི་སྔོན་བྱོན་སྐྱེས་ཆེན་དམ་པ་དག་གི་བསླབ་བྱ་གསེར་གྱི་ཕྲེང་བ་འདི་དག་ས་སྟེང་འདི་རུ་ཀུན་ལ་བག་ཆགས་སུ་འབུལ་རྒྱུ་ནི་ཐེངས་འདིའི་བྱ་འགུལ་གྱི་དམིགས་བྱ་གཙོ་བོ་ཡིན་ལ། བསང་ཆུ་རྫོང་གི་སྐབས་དང་པོའི་བླ་བྲང་དམངས་སྲོལ་རིག་གནས་རྒྱལ་ཡོངས་འགྲེམ་སྤེལ་གྱི་གོམ་ཁ་ཐོག་མ་ཡང་སྤོས་པ་ཡིན་ནོ།

  4月30日,以“喜迎二十大,奋进新征程,“铸牢中华民族共同体意识传承中华优秀传统文化”为主题的夏河县第三届全国藏文书法日非遗书法作品创展活动在夏河县博拉镇罗吾滩乡村记忆博物馆举办。  

  活动现场展出了甘肃夏河拉卜楞寺第二世嘉木样大师《治学·格训》、第三世贡唐仓大师《贡唐仓·治学格训》等上百幅精、品书法作品,带大家领略了非物质文化遗产藏文书法的魅力。夏河县汉文书法名家及藏文书法传承人还在现场进行了献书。

  

  县委宣传部副部长、县文旅局局长贡曲才让,县委统战部副部长,县民宗局局长贡保当知,县委宣传部副部长扎西,县政府办公室副主任旦正塔,博拉镇党委书记夏吾才让,县文化馆馆长才贡加,县藏文书法家协会主席贡保才让,以及本地书法家协会成员等共40余人参加了此次活动。

点赞(0) 打赏

评论列表 共有 0 条评论

暂无评论

微信小程序

微信扫一扫体验

立即
投稿

微信公众账号

微信扫一扫加关注

发表
评论
返回
顶部