
丹真加 13893912656
才让吉 13893936036
夏河县文化馆
2024年5月22日
《བླ་བྲང་དམངས་སྲོལ་རིག་གནས་》དུས་དེབ་ཀྱི་རྩོམ་བསྡུའི་བརྡ་ཐོ།
《བླ་བྲང་དམངས་སྲོལ་རིག་གནས་》ཞེས་པ་ནི་བསང་ཆུ་རྫོང་རིག་གནས་ལུས་རྩལ་རྒྱང་སྒྲོག་བརྙན་འཕྲིན་དང་ཡུལ་སྐོར་ཅུས་ཀྱིས་མཛུབ་སྟོན་འོག བསང་ཆུ་རྫོང་རིག་གནས་ཁང་གིས་གཙོ་གཉེར་བྱས་པའི་ནང་ཁུལ་དུ་འགྲེམས་སྤེལ་བྱེད་བཞིན་པའི་དུས་དེབ་ཅིག་ཡིན། དུས་དེབ་འདིར་བོད་ཡིག་པར་གཞི་དང་རྒྱ་ཡིག་པར་གཞི་གཉིས་ཡོད་དེ། བླ་བྲང་དམངས་སྲོལ་རིག་གནས་འཚོ་བ་དང་དངོས་མིན་ཤུལ་བཞག་རིག་གནས་རྒྱུད་འཛིན་དང་སྲུང་སྐྱོང་ལ་དམིགས་ཏེ། དམངས་ཁྲོད་ཀྱི་རྩོམ་རིག་དང་སྒྱུ་རྩལ་བརྩམས་ཆོས་འཚོལ་ཞིབ་དང་འགྲེམས་སྤེལ། རིག་གནས་བྱ་གཞག་དང་རིག་གནས་ཐོན་ལས་ཀྱི་གནས་ཚུལ་གསར་ཤོས་སོགས་ཁྱབ་བསྒྲགས་ལྡན་པའི་རིག་གནས་ཕྱོགས་ཀྱི་སྣ་འཛོམས་དུས་དེབ་ཅིག་ཡིན་ལ། མང་ཚོགས་ཀྱི་རིག་གནས་དེང་རབས་འཚོ་བའི་ནང་འདྲེས་ཤིང་བླ་བྲང་རིག་གནས་ཀྱིས་སྤྱི་ཚོགས་ལ་ཞབས་འདེགས་ཞུ་བ་དང་། དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། དམངས་འཚོ་ལ་ཕན་པ་བཅས་ཀྱི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་ཐད་ལ་འབད་པ་གནང་མུས་སུ་ཡོད།
གཅིག རྩོམ་ཡིག་གི་ནང་དོན་དང་རྩོམ་ལུས།
རྩོམ་ཡིག་ནང་དོན་ནི་ངེས་པར་དུ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དང་ཀྲུང་ཧྭ་མི་རིགས་ཐུན་མོང་གཞི་གཅིག་གི་འདུ་ཤེས་བརྟན་པོར་འཛིན་པའི་དགོངས་དོན་དང་མཐུན་དགོས་ལ། བླ་བྲང་དམངས་སྲོལ་རིག་གནས་ནི་མང་ཚོགས་ཀྱི་དངོས་པོའི་འཚོ་བ་དང་བསམ་བློའི་འཚོ་བ་མཐུན་སྦྱོར་སྒོས་མི་རབས་ནས་མི་རབས་ལ་སྲོལ་རྒྱུན་མ་ཆད་པར་རྒྱུན་སྤེལ་བའི་རིག་གནས་ཤིག་ཡིན། དེ་ནི་ལོ་རྒྱུས་ཀྱིས་རྒྱུན་སྤེལ་ཞིང་དངོས་ཡོད་འཚོ་བའི་ནང་དུའང་སྲོལ་རྒྱུན་མ་ཆད་པར་གནས་པ། ཐུན་མིན་གྱི་ཡུལ་སྲོལ་གོམས་གཤིས་དང་སེམས་ཁམས་སོགས་ཀྱི་ཁྱད་ཆོས་ལྡན་པའི་བླ་བྲང་དམངས་ཁྲོད་རིག་གནས་ཀྱི་ཆེས་སྤྱིར་བཏང་བ་གང་རུང་མཚོན་པ་ཞིག་ཡིན་དགོས། རྩོམ་ལུས་བཅད་ལྷུག་སྤེལ་མ་གང་རུང་ཡིན་ཆོག ༼གཙོ་བོ་བླ་བྲང་དམངས་སྲོལ་རྩོམ་རིགས་ཡིན་དགོས༽
གཉིས། རྩོམ་བསྡུ་དང་འབྲེལ་ཡོད་ཀྱི་སྐོར།
རྩོམ་ཡིག་བསྡུ་བའི་དུས་ཡུན་སྤྱི་ལོ2024ལོའི་ཟླ་5པའི་ཚེས་22ཉིན་ནས་ཟླ་8པའི་ཚེས་28ཉིན་བར་ཡིན།འདི་གར་འབྱོར་བའི་བརྩམས་ཆོས་ཚང་མ་ལོ་སྨད་དུ་ཆེད་མཁས་དང་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩོམ་པ་པོ་མཐུན་ཚོགས་གདན་ཞུ་བྱས་ནས་དཔྱད་བསྡུར་བརྒྱུད་རྗེས་སུ་བརྩམས་ཆོས་ལེགས་ཤོས་བླ་བྲང་དམངས་སྲོལ་རིག་གནས་དུས་དེབ་ཏུ་འགོད་རྒྱུ་ཡིན་ལ། སྤྱིའི་ཆ་ནས་བརྩམས་ཆོས་ཕུལ་བྱུང་ཅན་ལ་གཟེངས་རྟགས་དང་ལེགས་སྐྱེས་གནང་རྒྱུ། སྒོས་སུ་ཆུང་འབྲིང་སློབ་མའི་བརྩམས་ཆོས་ཕུལ་བྱུང་ཁག་ལ་དམིགས་བསལ་གྱི་གཟེངས་རྟགས་དང་ལེགས་སྐྱེས་སྟེར་བའི་བྱེད་སྒོ་སྤེལ་རྒྱུ་ཡིན།
གསུམ། རྩོམ་ཡིག་ཡར་སྤྲོད་པའི་བླང་བྱ་དང་དོ་སྣང་བྱ་དགོས་ས།
1.རྩོམ་མཁན་གྱིས་ངེས་པར་དུ་རྩོམ་ཡིག་གི་གསར་གཏོད་རང་བཞིན་འགན་ལེན་བྱ་དགོས། གལ་ཏེ་སྤྱི་ཚོགས་དང་མི་སྒེར་གྱི་ཁེ་དབང་ལ་གནོད་པའི་གནས་ཚུལ་བྱུང་ན་བརྩམས་ཆོས་ཡར་སྤྲོད་མཁན་རང་གིས་འགན་འཁུར་དགོས།
2.རྩོམ་སྒྲིག་པར་བརྩམས་ཆོས་ལེགས་སྒྲིག་གི་ཁེ་དབང་ཡོད།
3.རྩོམ་ཡིག་གི་ཁ་བྱང་དང་རྩོམ་པ་པོའི་གནས་ཚུལ།འབྲེལ་གཏུག་བྱེད་ཡུལ་བཅས་རྒྱ་བོད་ཡིག་རིགས་གཉིས་ཀའི་ལམ་ནས་བྲིས་ཏེ་བསྐུར་ཡོང་དགོས།
བཞི། རྩོམ་ཡིག་བསྐུར་ས་དང་འབྲེལ་གཏུག་བྱེད་ཡུལ།
ཡིག་སྒམ། 714965011@qq.comབརྒྱུད་ནས་བསྐུར་དགོས།
རྟ་མགྲིན་སྐྱབས། 13893912656 ཚེ་རིང་སྐྱིད། 13893936036
སྤྱི་ལོ་2024ལོའི་ཟླ་5ཚེས་22ཉིན་ལ་བསང་ཆུ་རྫོང་རིག་གནས་ཁང་གིས།


发表评论 取消回复