
2026年6月23日
༄༅།། ༢༠༢༦ ལོའི་བསང་ཆུ་རྫོང་གི་སྐབས་དྲུག་པའི་
རྩེད་རིགས་འཁྲབ་སྟོན་བྱ་འགུལ་གྱི་
མིང་ཐོ་འགོད་པའི་བརྡ་ཁྱབ།
ཞི་ཅིན་ཕིང་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཞི་ཅིན་ཕིང་གི་རིག་གནས་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། མངོན་མིན་ཤུལ་བཞག་རིག་གནས་ལ་བརྟེན་ནས་མི་རིགས་ཁག་གི་འགྲོ་འོང་དང་སྤེལ་རེས། མཉམ་འདྲེས་ལ་སྐུལ་འདེད་གཏོང་བ་དང་ལྷན་དུ། བསང་ཆུའི་ཁྱད་ཆོས་ལྡན་པའི་རིག་གནས་སྤུས་རྟགས་བཙུགས་ནས་ཀྲུང་གོའི་གནས་མཆོག་བླ་བྲང་། འཛམ་གླིང་བོད་རིག་པའི་སློབ་གླིང་གི་མཚན་སྙན་གྲགས་མཐོ་རུ་བཏེགས་ཏེ། ༢༠༢༦ལོའི་བསང་ཆུ་རྫོང་གི་སྐབས་དྲུག་པའི་རྩེད་རིགས་འཁྲབ་སྟོན་བྱ་འགུལ་གྱི་མིང་ཐོ་འགོད་པའི་བྱ་རིམ་དེ་རིང་དངོས་སུ་མགོ་རྩོམ་པ་ཡིན། འབྲེལ་ཡོད་དོན་ཚན་གཤམ་གསལ་ལྟར།
དང་པོ། བྱ་འགུལ་ངོ་སྤྲོད།
བྱ་འགུལ་གྱི་མིང་། ༢༠༢༦ལོའི་བསང་ཆུ་རྫོང་གི་སྐབས་དྲུག་པའི་རྩེད་རིགས་འཁྲབ་སྟོན་བྱ་འགུལ།
བྱ་འགུལ་གྱི་བརྗོད་དོན། ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་དང་འགྲོ་འོང་དང་ཕན་ཚུན་སྤེལ་རེས། མཉམ་འདྲེས་ཡོང་བར་འབད་པ།
བྱ་འགུལ་གྱི་དུས་ཚོད། ༢༠༢༦ལོའི་ཟླ༧ཚེས་༡༥ཉིན་ ༼ལུགས་རྙིང་གི་ཟླ་༦པའི་ཚེས་༢ཉིན།༽གྱི་སྔ་དྲོའི་ཆུ་ཚོད༡༡སྟེང་འཁྲབ་སྟོན་དངོས་མགོ་རྩོམ་རྒྱུ། དེའི་སྔུན་ཉིན་དེ། ཟླ་༧ཚེས་༡༤ཉིན་དུང་དཀར་ཐང་ནས་འཁྲབ་སྟོན་སྦྱོང་བརྡར་བྱ་རྒྱུ །
བྱ་འགུལ་གྱི་ས་གནས། བསང་ཆུ་རྫོང་བསང་ཁོག་གྲོང་རྡལ་གྱི་བསང་ཁོག་རྩྭ་ཐང་།
གཙོ་སྒྲུབ་ལས་ཁུངས། ཀྲུང་གུང་བསང་ཆུ་རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་།
འགན་སྒྲུབ་ལས་ཁུངས། ཀྲུང་གུང་བསང་ཆུ་རྫོང་ཨུའི་དྲིལ་བསྒྲགས་པུའུ། བསང་ཆུ་རྫོང་རིག་གནས་ཡུལ་སྐོར་ཅུས།
ལག་བསྟར་ལས་ཁུངས། བསང་ཆུ་རྫོང་རིག་གནས་ཁང་།
གཉིས་པ། མིང་ཐོ་འགོད་ཡུན།
༢༠༢༦ ཟླ་ ༦ ཚེས་ ༢༤ ནས་ ༢༠༢༦ ཟླ་ ༧ ཚེས་ ༥ བར་ཡིན།
གསུམ་པ། ཆེད་དུ་གསལ་བསྒྲགས།
རྫོང་ཡོངས་ཀྱི་ཞང་དང་གྲོང་རྡལ་༡༣ནང་ཁུལ་གྱི་དམངས་ཁྲོད་སྒྱུ་རྩལ་འཁྲབ་སྟོན་རུ་ཁག་དག་འཁྲབ་སྟོན་དུ་ཞུགས་ཆོག་པ་ཡིན་ལ། ཚོགས་པ་རེེར་མི་གྲངས་ ༡༦ ཡན་ཡོད་དགོས་པ། འཁྲབ་ཚན་ལ་སྲོལ་རྒྱུན་གར་དང་དམངས་ཁྲོད་བྲོ་གཉིས་ཡིན་དགོས།འཁྲབ་སྟོན་པ་ལོ་ ༡༨ ནས་ ༦༥ བར་ཡིན་དགོས་པ་དང་། གཟུགས་གཞི་བདེ་ཐང་ཡིན་པ། བདེ་འཇགས་འགན་འཁུར་རང་གིས་འགན་ཁུར་དགོས། བྱ་འགུལ་འདི་ལ་ཞང་གྲོང་རྡལ་གྱིས་གཅིག་གྱུར་མིང་ཐོ་འགོད་དགོས་པ་ལས་མི་སྒེར་གྱི་ཐོ་འགོད་དང་ལེན་བྱེད་ཀྱི་མེད།
བཞི་བ། ཁ་གསབ་རོགས་དངུལ་དང་འགན་སྲུང།
འཁྲབ་སྟོན་རུ་ཁག་རེར་འཁྲབ་སྟོན་ཁ་གསབ་རོགས་དངུལ་སྒོར༡༠༠༠༠སྤྲོད་རྒྱུ་ཡིན། གྱོན་པ་དང་འགྲོ་འོང་། ཟ་འཐུང་གི་འགྲོ་སྒོ་སྐོར་རུ་ཁག་རང་གིས་དང་ལེན་བྱེད་དགོས། གཙོ་སྒྲུབ་ལས་ཁུངས་ཀྱིས་འཁྲབ་སྟོན་དུ་ཞུགས་པའི་འཁྲབ་སྟོན་པའི་ལུས་ཕུང་ཞིབ་བཤེར་དང་ཉེན་འགོག་འགན་སྲུང་གི་འགྲོ་དངུལ་གཅིག་གྱུར་གྱིས་བླུ་ཉོ་བྱེད་རྒྱུ་ཡིན།
འབྲེལ་གཏུགས་ཁ་པར་ཨང་གྲངས།
ཡན་ལིན་ཐེན། ༡༨༠༩༣༩༣༢༧༨༧
ཚེ་རིང་དཔལ་མོ། ༡༣༨༩༣༩༢༦༦༨༢

བསང་ཆུ་རྫོང་རིག་གནས་ལུས་རྩལ་རྒྱང་སྒྲོག་བརྙན་འཕྲིན་དང་ཡུལ་སྐོར་ཅུས།
བསང་ཆུ་རྫོང་རིག་གནས་ཁང་།
༢༠༢༦ལོའི་ཟླ༦པའི་ཚེས་༢༣ཉིན།




发表评论 取消回复